找对律师 明明白白 法律AI 精准匹配
首页
明白律师网站logo
  • 首页
  • 找律所
  • 找律师
  • 找案例
  • 找知识
  • 刑事专栏
  • 找服务
    • 明白-刑事通
    • 明白-招投标
    • 癞皮狗-AI执行
    • 明白-法律文本库
  • 法律工具
  • AI合同
  • 新闻中心
  • 关于我们
首页
找律所
找律师
找案例
找知识
刑事专栏
找服务
法律工具
AI合同
新闻中心
关于我们
注册登录

明白律师网站logo明白律师
专业的法律服务平台
关注我们
快速链接
首页找律师找案例
找知识刑事专栏
明白-刑事通明白-招投标
热门工具
民间借贷计算器刑期计算器房贷计算器更多
服务热线:
联系邮箱:
联系地址:
©2003-2025 明白数智有限公司 版权所有
备案图标浙ICP备18042437号-17
  • 找律师
  • 在线咨询
  • 电话咨询
你的难题,这有答案,专业律师,精准解答

精彩文章

律师案例
  1. 首页
  2. 找律师
  3. 满却才让
  4. 精彩文章
  5. 详情

红绿灯

发布时间:2026-10-16 14:24:24浏览:0次

མྱུར་ཚད་ཀྱིས་འཇལ་མི་ཐུབ་པའི་ཚེ་སྲོག་གི་རིན་ཐང་།

                                                               

                                    ཁ་བ་སྨན་མཆོག་ཚེ་རིང་། མཚོ་ལྷོ་ཁྲི་ཀ

 

མི་སེམས་ཀྱི་འགུལ་བསྐྱོད་ནི་བསམ་བློའི་འཁྱེར་ཕྱོགས་ལྟར་ཏུ། རང་རང་གི་འདུ་ཤེས་ལ་བརྟེན་ནས་མདུན་བསྐྱོད་བྱེད་དགོས་པ་ཞིག་ཡིན་པར་འདོད། དེ་ཡང་རྒྱུན་དུ་གྲོང་ཁྱེར་གྱི་བཞི་མདོ་གང་རུང་ན་མཐོང་སྲིད་ལ་མངོན་ཡོང་བ་ནི།  སྐར་ཆ་ཁ་ཤས་ལ་ཡང་སྒུག་འདོད་མེད་པར་གློག་དམར་བརྒལ་ནས་གཞན་སྲོག་འཕྲོག་ལ་རང་སྲོག་འདོར་བའི་སྣང་ཚུལ་ཡ་ང་བ་དག་འབྱུང་དང་བྱུང་བཞིན་ཡོད་པ་དེ་རེད།

ནམ་ཡང་སེམས་སུ་བརྗེད་དཀའ་བ་ནི་ལོ་དེའི་འདས་དོན་ཞིག་ཡིན་ལ། རྫོང་མེ་ཏོག་ཟླུམ་རའི་ལམ་མགོ་ནི་གཞུང་ལམ་གྱི་བཞི་མདོ་ཞིག་ཡིན་ཞིང་། སྐྱབས་ཁོས་རང་ཉིད་ཀྱི་རླངས་འཁོར་ཆུང་བ་དེ་བསྐོར་ནས་རྫོང་མེ་ཏོག་ཟླུམ་ར་བརྒྱུད་ནས་གཞུང་ལམ་བཞི་མདོ་བརྒལ་དུས། དག་དག་མདུན་ཐད་ཀྱི་གློག་སྒྲོན་དེ་ཉིད་ལྗང་ཁུ་ནས་སེར་བོར་བསྒྱུར་མགོ་བརྩམ་ཞིང་། གློག་སྒྲོན་སེར་བོར་གྱུར་ནས་ཐེངས་གཅིག་ནས་གཉིས་ལ་ལྡང་མ་ཐག   ལམ་འགྲམ་གཡས་གཡོན་གྱི་མི་ཚོགས་ནི་གློག་སེར་གློག་དམར་ལ་མ་བསྒྱུར་གོང་ནས་གྲོག་མ་ཁུང་ནས་བརྡོལ་བ་བཞིན་ཕར་འགྲོ་ཚུར་འོང་བྱེད་པར་བརྩམས་ཤིང་།  སྐྱབས་ཁོས་ད་དུང་གློག་དམར་བཀར་མེད་པ་མཐོང་ནས་རླངས་འཁོར་སྣུམ་སྒོ་མནན་ནས་ཁ་གཏད་དུ་རྒྱུགས་ཤིང་། མི་ཚོགས་ཀྱང་སྐར་ཆ་གཅིག་ནས་གཉིས་ཙམ་ལ་ཡང་སྒུག་ཁོམ་མ་བྱུང་བར་མདུན་དུ་མཆོངས་རྒྱུག་བྱས་པ་ལ། སྐྱབས་ཁོས་འཁོར་སྒག་མནན་ཡང་རླངས་འཁོར་གྱི་མྱུར་ཚད་མགྱོགས་པ་དང་། མི་ཚོགས་བྲེལ་འཚུབ་ཀྱིས་ཕར་རྒྱུག་ཚུར་རྒྱུག་བྱས་པ་ལས་རླངས་འཁོར་འདུག་མ་ཐུབ་པར་མང་ཚོགས་ཁྲོད་ཀྱི་རྩེད་ཞོར་འགྲོ་ཞོར་བྱེད་བཞིན་པའི་བྱིས་པ་དེ་དང་གདོང་ཐུག་བྱུང་བ་དང་།  རྣམ་རིག་བཀྲ་ཞིང་བློ་རིག་རྒོལ་བའི་བྱིས་པ་དེ་ཉིད་ལམ་ཐིག་དཀར་ཁྲ་དེའི་ཕར་ནང་ལ་གཡུག་ཅིང་། རྒན་མོ་སྐྲ་དཀར་གྱི་ཉག་མ་ཅན་ཞིག་གིས་ཁ་ནས་ཀི་འབོད་དང་ངུ་འབོད་གནང་བཞིན་གོག་མ་ནུར་གྱིས་མི་ཚོགས་ཁྲོད་ནས་བྱིས་པ་དེའི་ཕྱོགས་སུ་རྒྱུག་ཅིང་། ཡོད་ཚད་འུར་སེང་སོང་། 

འགྲིམ་འགྲུལ་གྱི་ཆག་སྒོ་དེ་ཉིད་སྐར་ཆ་འགའ་ཤས་ནང་དུ་བྱུང་རྗེས། ཙུར་སྒྲ་དང་དུང་སྒྲ་བཅས་ཀྱིས་རྒྱ་སྲང་གི་བཞི་མདོ་དེ་ཉིད་གཉིད་ལས་དཀྲོགས་ཤིང་། མི་ཚོགས་ཀྱིས་ཨ་ནེ་རྒན་མོ་ཞིག་གི་སྐྱོ་སྣང་དང་དབུགས་ཀྱང་ཤོར་ལ་ཉེ་བའི་བྱིས་པ་དེ་ལས་དབང། སྐྱབས་ཁོའི་རླངས་འཁོར་སྐོར་སྟངས་ལ་དམིགས་ནས་གཏམ་བརྗོད་སྣ་ཚོགས་སྤེལ་ཞིང་། མཛུབ་མོས་རི་སྟོན་དང་ཆུ་སྣ་གར་ཁྲིད་རང་བྱས་ཏེ་མི་ཚོགས་ནི་ཇེ་མང་ནས་ཇེ་མང་དུ་སོང་ཞིང་། མི་ཚོགས་ཁྲོད་ན་རྒན་མོ་སྐྲ་དཀར་གདོང་ན་རྒས་གཉེར་ཅན་ཞིག་གིས་ཁྲག་གིས་བརྫུས་ཤིང་དབུགས་ཀྱང་ཆད་ལ་ཉེ་བའི་བྱིས་པ་དེ་ཉིད་པང་དུ་བཟུང་ནས་གཡུག་གཡུག་གནང་ཞོར་དུ་ངུ་ཤུམ་བྱེད་ཅིང་། མདུན་ཐད་ཀྱི་རླངས་འཁོར་འགྲམ་ན་སྐྱབས་ཁོས་མགོ་བོ་སྐྱོར་ཞིང་སྐྱོ་བའི་ཉམས་ཀྱིས་སྤྱི་བདེ་ལས་ཁུངས་དང་མྱུར་སྐྱོབ་ལས་ཁུངས་ལ་ཉེན་བརྡ་བཏང་རྗེས་ཡུལ་དངོས་ཀྱི་གནས་ཚུལ་ཡ་ང་བ་དེར་བལྟས་ནས་ཁ་གདངས་ཤིང་མིག་ཅེར་ནས་བསྡད་འདུག

ཆག་སྒོ་ནི་གཞན་གྱིས་མ་ཚོར་ཞིང་རང་གིས་མི་འདོད་བཞིན་དུ། སྐར་ཆ་རེ་རེའི་ནང་དུ་འབྱུང་ཞིང་སྐད་ཅིག་དེ་ཉིད་ལ་བྱིས་པ་བསམ་མེད་ཅིག་གི་ཚེ་སྲོག་ཁྱེར་འགྲོ་བ་འདི་ཇི་འདྲའི་སེམས་སྐྱོ་ཞིང་ཡིད་སྡུག་པ་ཞིག་མ་ཡིན་ནམ། ཆག་སྒོ་ཟེར་བ་དེ་ཉིད་རྒྱུན་ལྡན་འཚོ་བའི་འགྲོ་འདུག་སྤྱོད་གསུམ་བར་ན་ནམ་ཡང་སྤྱང་གི་ལུག་ལ་འཇབ་པ་དང་།  ཁྲ་ཡིས་བྱེའུ་ཁྱེར་བ་བཞིན་དུ་ནམ་ཡོང་ཆ་མེད་ཡིན་ཞིང་། སྐད་ཅིག་དེ་ཉིད་ལ་མི་འདོད་བཞིན་དུ་ཡིད་ལ་ཤོང་དཀའ་བའི་དོན་དག་དང་རྐྱེན་ངན་བཟོ་སྲིད་པ་ཡིན།  འདི་ལྟར་གློག་དམར་དང་གློག་ལྗང་གཉིས་བརྗེ་གསོར་བྱེད་པའི་སྐར་ཆ་འགའ་ཤས་བར་ནས་ཅི་ཡིན་འདི་ཡིན་མེད་པར་གསར་སྐྱེས་ཀྱི་ཚེ་སྲོག་ཅིག་འཇིག་རྟེན་ཕྱི་མའི་ཡུལ་དུ་ཁྲིད་སོང་བ་དང་། སྐྱབས་ཁོས་འགྲིམ་འགྲུལ་གྱི་སྒྲིག་ལམ་ལ་བརྩི་སྲུང་མ་བྱས་པའི་དབང་གིས་ཚེ་སྲོག་གཞན་ཞིག་འཕྲོག་སོང་ལ། ཚབས་ཆེ་ན་རང་སྲོག་རྟ་རྔ་ཙམ་ཡང་ཁྱེར་སྲིད་པ་ཡིན།  དེ་བས། རང་ལ་དྲན་སྐུལ་དང་གཞན་ལ་ཡར་སྐུལ་བྱེད་དགོས་པ་ནི།  སྐར་ཆ་འགའ་ཡི་ནང་དུ་ཁྱེད་ལ་འཐོབ་བྱ་མང་བོ་མེད་ལ།  ཤོར་བྱ་ཡང་མང་པོ་ཡོད་མི་སྲིད་པས་དུས་ཚོད་ཀྱི་སྐར་ཆ་རེ་རེ་ནི་རང་ཉིད་ཀྱི་ཚེ་སྲོག་རེ་རེ་ཡིན་པ་ཚོར་དགོས་ཤིང་། རླབས་ཆེན་གྱི་བྱ་བཞག་སྒྲུབ་པ་དང་བྲེལ་མྱུར་གྱི་ལས་དོན་སྒྲུབ་པ་གང་ཞིག་ཡིན་ཡང་། ཚེ་སྲོག་ལས་གལ་ཆེ་བ་ཞིག་གང་ན་ཡང་མེད་པས་ང་ཚོས་ནམ་ཡང་འགྲིམ་འགྲུལ་སྐོར་གྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ་གཏན་འབེབས་སོགས་སྒྲིག་ལམ་ཡང་དག་སྲུང་ཞིང་ཚེ་སྲོག་ལེགས་པོར་གཅེས་དགོས་པ་ལས། ཚེ་སྲོག་གི་རིན་ཐང་མྱུར་ཚད་ཀྱིས་འཇལ་ཐུབ་པ་ཞིག་ག་ལ་ཡིན།

འགྲོ་རྟ་ཐོག་དང་འདུག་གདན་ཐོག་ཡིན་པའི་དུས་རབས་ཉེར་གཅིག་གི་ཚན་རྩལ་དུས་རབས་ཀྱི་ནང་དུ། གློག་དམར་གྱི་འོད་སྣང་ངོགས་ནས་གློག་ལྗང་གི་བརྗེ་གསོར་བལྟ་བཞིན་དུ་མི་ཚོགས་ཀྱི་འགུལ་བསྐྱོད་ལ་སྒུག་ཅིང་།  འགྲིམས་འགྲུལ་བདེ་འཇགས་ཐད་ཀྱི་བཅའ་ཁྲིམས་སྒྲིག་སྲོལ་ལ་བརྩི་སྲུང་གནང་བཞིན། ཉེན་ཁ་དང་བདེ་འཇགས་གཉིས་ཀྱི་འགྲན་རྩོད་བར་ནས་བདེ་འཇགས་ལ་རྒྱལ་ཁ་འཐོབ་པར་ནམ་ཡང་འབད་པ་བྱ་དགོས་ཤིང་། ཉེན་ཁ་མེད་ཅིང་བདེ་འཇགས་ཡིན་པའི་འཚོ་བ་ཞིག་རོལ་ཐུབ་པར་རེ་བ་དང་ཡིད་ཆེས་བརྟན་པོ་བཅངས་དགོས་པ་མ་ཟད།  ལུས་སེམས་བདེ་ཞིང་ཕྱི་མཐུན་ནང་མཐུན་ཡིན་པའི་འཚོ་བ་ཞིག་ལ་ནམ་ཡང་རེ་སྙེག་བྱ་དགོས་པ་ཡིན།

༢༠༢༥ལོའི་ཟླ༧བའི་ཚེས༡ཉིན། 

མཚོ་སྔོན་ཕན་རེ(ཁྲི་ཀ)ཁྲིམས་རྩོད་པའི་ལས་ཤག་ནས།

ས་གནས། མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་མཁོ་འཚོང་ཐོག་ཁང་གི་སུམ་ཐོག 

地址:青海省贵德县河阴镇供销大楼三楼

ལས་ཁུངས། (ཀྲེ་ཅིང་རྩེ་མདའ (ཁྲི་ཀ) ཁྲིམས་རྩོད་པའི་ལས་ཤག )

单位:浙江泽大(贵德)律师事务所

རུས་མིང་།   སྨན་མཆོག་ཚེ་རིང་། 满却才让

འབྲེལ་གཏུག་ཨང་གྲངས། 联系电话15352947400  


当前文章律师信息

更多当前律师文章

    满却才让律师
    满却才让
    浙江泽大(贵德)律师事务所